Catatan episode
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་བོད་དུ་ཆིབས་སྒྱུར་གྱིས་གཞིས་བཞུགས་བོད་མི་རྣམས་དང་ཐུག་འཕྲད་མཛད་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ་བ།
◆ དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།
◆ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཨེ་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ།
◆ དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གི་ཀ་རྡོར་སྒང་གསུམ་ཁྱབ་ཁོངས་བོད་མིའི་འདུས་སྡོད་ས་གནས་ཁག་གི་འཚམས་གཟིགས་ལེགས་གྲུབ་ཟིན་པ།
◆ དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་རྒྱ་གར་དབུས་ཁུལ་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་གནང་བཞིན་པ།
◆ དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ས་གནས་བོད་མི་རྒན་རྒོན་དང་། ནད་མནར། ཁྱེར་རྐྱང་ལུས་པའི་བོད་མི་ཉམ་ཐག་རྣམས་ལ་དམིགས་བསལ་གཟིགས་སྐྱོང་དང་ཞབས་ཞུ་སྔར་ལྷག་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་པ།
◆ དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་བྱིས་པའི་ཉིན་མོར་འཚམས་འདྲི་དང་སྦྲགས། སློབ་ཕྲུག་ཚོས་འདབ་གཤོག་གཉིས་ལྡན་གྱི་བོད་མི་ཚད་ལྡན་ཞིག་ཆགས་ཐུབ་པར་འབད་བརྩོན་དགོས་པའི་ལམ་སྟོན་གནང་བ།
◆ བློ་ཆོས་བསམ་གཏན་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ།
#dalailama#TibetansforTibet #centraltibetanadministration #dailynews #weeklynews #tibettv#TibetMatters#TibetanIdentity
Situs: soundcloud.com

